Ngagyur Rigzod Editorial Committee

Ngagyur Rigzod Editorial Committee Established: 1991 by His Holiness Drubwang Padma Norbu

The Ngagyur Rigzod Editorial Committee publishes bi-annual Tibetan journal entitled 'Padmai Rangdang', an annual English magazine named 'Palyul Times' and a souvenir of the International Nyingma Monlam Chenmo Foundation.

རྒྱ་ཆེའི་ཀློག་པ་པོ་རྣམས་ལ་ཞུ་རྒྱུར།  ཕྱི་ལོ་༢༠༢༥ ལོའི་སྔ་འགྱུར་རིག་མཛོད་རྩོམ་སྒྲིག་པ་རྣམ་པས་སྡེ་དགེ་ཤིང་པར་དང་ཨ་འཛོམས་ཤི...
04/06/2026

རྒྱ་ཆེའི་ཀློག་པ་པོ་རྣམས་ལ་ཞུ་རྒྱུར། ཕྱི་ལོ་༢༠༢༥ ལོའི་སྔ་འགྱུར་རིག་མཛོད་རྩོམ་སྒྲིག་པ་རྣམ་པས་སྡེ་དགེ་ཤིང་པར་དང་ཨ་འཛོམས་ཤིང་པར་གཉིས་ལ་དཔེ་བསྡུར་དང་ཞིབ་དཔྱད་ཞུ་དག་མཐིལ་ཕྱིན་གནང་ཞིང་། གཙོ་བོ་སློབ་གཉེར་བ་རྣམས་གཟིགས་བདེ་བའི་ཆེད་དཀར་ཆག་ལོགས་སུ་བཏོན་པ་དང་། རྩ་འགྲེལ་གཉིས་དབྱེ་འབྱེད་གསལ་པོ་བཟོས་ཏེ་སྤུས་ཚད་ལེགས་པར་བསྐྲུན་པའི་རྒྱལ་བ་ཀློང་ཆེན་པའི་ 《མཛོད་བདུན་རིན་པོ་ཆེ་》 འདི་ཉིད་སླར་ཡང་པར་བསྐྲུན་ལེགས་གྲུབ་བྱུང་ཡོད་པས། དགོས་མཁོ་མཆིས་ཚེ་འདི་ག་རྩོམ་སྒྲིག་ལྷན་ཁང་ལ་འབྲེལ་བ་གནང་རོགས་ཞུ།
འབྲེལ་བ་གནང་ཡུལ།
སློབ་དཔོན་ཟླ་བ་རྡོ་རྗེ་ཐིང་། ༩༩༠༡༣༩༠༨༡༣
ཚེ་བརྟན་རྡོ་རྗེ། Telegram :

Article Announcement of Palyul times 2026.
23/04/2026

Article Announcement of Palyul times 2026.

ཕྱི་ལོ་ ༢༠༢༦ ལོའི་པདྨའི་རང་མདངས་འདོན་ཐེངས་སྔ་མའི་གསལ་བསྒྲགས།
23/04/2026

ཕྱི་ལོ་ ༢༠༢༦ ལོའི་པདྨའི་རང་མདངས་འདོན་ཐེངས་སྔ་མའི་གསལ་བསྒྲགས།

རྒྱལ་ཕྱི་ནང་གི་རྒྱ་ཆེའི་མཁྱེན་ལྡན་ཀློག་པ་པོ་རྣམས་ཀྱི་སྙན་ལམ་དུ་ཞུ་གསོལ།འདི་ག་སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ལྷན་ཁང་ནས་ཕྱི་...
18/04/2026

རྒྱལ་ཕྱི་ནང་གི་རྒྱ་ཆེའི་མཁྱེན་ལྡན་ཀློག་པ་པོ་རྣམས་ཀྱི་སྙན་ལམ་དུ་ཞུ་གསོལ།
འདི་ག་སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ལྷན་ཁང་ནས་ཕྱི་ལོ་ ༢༠༢༥ ལོར་རྒྱལ་སྲིད་སྣ་བདུན་གྱི་གྲངས་དང་མཉམ་པའི་ཀློང་ཆེན་མཛོད་བདུན་འདི་ཉིད་ཞིབ་དཔྱད་ཞུ་དག་ལེགས་པར་བགྱིས་ཏེ་བཀྲ་ཤིས་རྟགས་བརྒྱད་ཀྱི་གྲངས་དང་མཐུན་པར་དེབ་གྲངས་བརྒྱད་དུ་པར་སྐྲུན་བྱས་ཟིན་ནས་དོན་གཉེར་ཟབ་པའི་དཔེ་ཀློག་པ་རྣམས་ཀྱི་སྤྱན་སྔར་དགྱེས་འབུལ་ཞུས་ཏེ་པར་ཐེངས་དང་པོ་ཆ་ཚང་རྫོགས་ཟིན།
སླར་ཡང་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་རེ་འདོད་ལྟར་པར་ཐེངས་གཉིས་པ་པར་དུ་བསྐྲུན་རྒྱུའི་འཆར་བཀོད་གྲུབ་པར་ལགས་ན། རྒྱལ་དང་རྒྱལ་སྲས་ཀྱི་བཀའ་བསྟན་ལ་ཐོས་བསམ་སྒོམ་གསུམ་གྱིས་དུས་འདའ་བའི་མཁྱེན་སྤྱན་མངའ་བ་རྣམས་ཐུགས་འདོད་མཆིས་ཚེ་འདི་ག་སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ལྷན་ཁང་ལ་འབྲེལ་བ་གནང་རོགས།
ཕྱི་ལོ་ ༢༠༢༥ ལོའི་སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ལྷན་ཁང་ནས།

གསལ་བསྒྲགས། རྒྱ་ཆེའི་ཀློག་པ་པོ་རྣམས་ལ་ཞུ་རྒྱུར། ཕྱི་ལོ་ ༢༠༢༥ ལོའི་སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ལྷན་ཁང་ནས་རྒྱལ་སྲིད་སྣ་བད...
07/04/2026

གསལ་བསྒྲགས།
རྒྱ་ཆེའི་ཀློག་པ་པོ་རྣམས་ལ་ཞུ་རྒྱུར། ཕྱི་ལོ་ ༢༠༢༥ ལོའི་སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ལྷན་ཁང་ནས་རྒྱལ་སྲིད་སྣ་བདུན་གྱི་གྲངས་ལྡན་རྒྱལ་བ་ཀློང་ཆེན་པའི་གསུང་འབུམ་ལས་རིན་ཆེན་མཛོད་བདུན་པར་གྲངས་བཞི་བརྒྱ་སྟེ། སྟོད་སྨད་བརྩིས་པའི་དེབ་གྲངས་བརྒྱད་ཀྱི་བདག་ཉིད་ཅན་ཁྱོན་རྐང་གྲངས་ ༣༢༠༠ ཐམ་པ་པར་སྐྲུན་བྱས་ཏེ། རྒྱ་ཆེའི་ཀློག་པ་པོ་རྣམ་པར་སྤྱན་འབུལ་ཞུ་ཐུབ་པ་ནི་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་བསྔོ་ཆོག་པ་ཡིན། རེད་དེ་ད་ལྟའི་ཆར་ཡོངས་སུ་རྫོགས་པ་དོན་གཉེར་ཅན་ཚོས་བླུ་ཡོན་ཞུས་ཚར་ཏེ་འདི་གར་དེབ་རྐང་གཅིག་ཀྱང་མེད་པས་དེ་དོན་ཐུགས་ལ་འཇགས་པར་འཚལ།
གཞན་ཡང་ལས་གཞི་དེར་ང་ཚོས་གང་ཐུབ་ཅི་ཐུབ་ཀྱིས་འབད་པ་བྱས་ནས་སྔར་གྱི་ཡིག་ཆ་ཁུངས་ལྡན་དག་ལ་གཞི་བཅོལ་ཏེ་ནོར་འཁྲུལ་ཅུང་ཉུང་དུ་བཏང་བའི་ཁུལ་ཡིན་མོད། ད་དུང་ནོར་འཁྲུལ་རིགས་ཡོད་ངེས་བདེན་ལགས་པས་བརྡ་སྤྲོད་རིགས་ལ་ཅུང་རྒྱུས་མངའ་ཅན་ཚོས་གཟིགས་པ་སོགས་བྱུང་ཚེ་འདི་གར་འབྲེལ་བ་གནང་རོགས་ཞུ།

དམིགས་བསལ་ཐུགས་རྗེ་ཆེ་ཞུ།སློབ་དཔོན་སངས་རྒྱས་བསྟན་འཛིན་ནི་བོད་མདོ་ཁམས་ཉག་རོང་སྨད་རྨ་རི་སྡེ་བའི་ཁྱིམ་མིང་ཨ་བཀྲ་ཚང་གི་ཕ་མཁས...
05/04/2026

དམིགས་བསལ་ཐུགས་རྗེ་ཆེ་ཞུ།
སློབ་དཔོན་སངས་རྒྱས་བསྟན་འཛིན་ནི་བོད་མདོ་ཁམས་ཉག་རོང་སྨད་རྨ་རི་སྡེ་བའི་ཁྱིམ་མིང་ཨ་བཀྲ་ཚང་གི་ཕ་མཁས་གྲུབ་དང་མ་ཚེ་རིང་ལྷ་མོ་གཉིས་ཀྱི་བུར་སྐྱེས། ཆུང་དུས་སུ་མཚོ་ཁ་ཨཱརྱ་གླིང་དུ་ཁུ་བོ་ཚེ་བསོད་མདུན་ནས་ཡི་གེ་འབྲི་ཀློག་སྦྱངས། བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་ཁུ་བོ་མཁན་པོ་པདྨའི་མདུན་ནས་འདུལ་བ་དང་སུམ་རྟགས་སོགས་སྦྱངས་ཤིང་། ༸ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུའི་སྐུ་མདུན་ནས་གསུང་ཆོས་བདུད་རྩི་ཟབ་མོ་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་ཐོབ། ཕྱི་ལོ་ ༢༠༡༡ ལོར་ྋསྐྱབས་རྗེ་གྲུབ་དབང་པདྨ་ནོར་བུའི་གདན་ས་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དུ་འཛུལ་ཞུགས་གནང་སྟེ་སློབ་གཉེར་བའི་སྐབས་སུ་དགེ་སྐོས་ལས་རོགས་དང༌། སྐྱོར་དཔོན་གྱི་ལས་འགན་ཁུར། ལོ་རིམ་བདུན་པའི་སྐབས་སུ་འཆད་རྒྱུགས་ལ་ཨང་ཚད་དང་པོ་དང༌། ལོ་རིམ་བརྒྱད་པའི་སྐབས་རྩོམ་ཤོག་དམ་བཅར་བསྡད་རྒྱུའི་གོ་སྐབས་ཐོབ། སློབ་མཐར་ཕྱིན་རྗེས་སྔ་འགྱུར་མཐོ་སློབ་ཆེན་མོའི་བཀའ་བཞིན་ཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིང་དུ་ལོ་གཅིག་གི་རིང་ལ་དཔེ་ཁྲིད་དང་ཡིག་རྒྱུགས་དོ་དམ་པའི་ལས་གནས་དང༌། དེ་བཞིན་རྒྱུན་ལས་རིན་པོ་ཆེའི་བཀའ་ལྟར་ཕྱི་ཕྱོགས་སུ་དགོན་སྡེ་ཁག་ལ་དགེ་རྒན་ཞབས་ཏོག་ལོ་གཅིག་ཞུས། ཕྱི་ལོ་ ༢༠༢༢ ལོར་མཚོ་རྒྱལ་ཐོས་བསམ་དགའ་བའི་ཚལ་དུ་ལོ་གཅིག་དང༌། ཕྱི་ལོ་ ༢༠༢༣ ནས་བཟུང་ད་ལྟའི་བར་སྔ་འགྱུར་མཐོ་སློབ་ཆེན་མོར་དཔེ་ཁྲིད་ཀྱི་ཕྱག་ལས་གནང་བཞིན་པ་བཅས་ལོ་རྒྱུས་མདོ་ཙམ་མོ། །ད་ལན་སློབ་དཔོན་མཆོག་གིས་ཀུན་མཁྱེན་ཀློང་ཆེན་པའི་གསུང་འབུམ་ལས་མཛོད་ཆེན་བདུན་པར་སྐྲུན་གྱི་འགྲོ་གྲོན་ཡོངས་སུ་རྫོགས་པ་གནང་བར་ངེད་རྩོམ་སྒྲིག་པས་ཀློག་པ་པོ་ཡོངས་ཀྱི་ཚབ་ཞུས་ཏེ་བཀའ་དྲིན་ཆེ་ཞུ་བ་དང་འབྲེལ་སློབ་དཔོན་མཆོག་སྐུ་ཚེ་བརྟན་ཅིང་མཛད་ཕྲིན་རྒྱས་པའི་སྨོན་འདུན་གྲངས་མེད་ཞུ་རྒྱུ་ཡིན།

མཛོད་བདུན་དབུ་འབྱེད་ཉིན་མོ། ཕྱི་ལོ་ ༢༠༢༦ ཟླ་བ་ ༠༤ ཚེས་ ༠༤ ཞོགས་པའི་ཆར་སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ལྷན་ཁང་དུ་མཐོ་སློབ་ཆེ...
04/04/2026

མཛོད་བདུན་དབུ་འབྱེད་ཉིན་མོ།
ཕྱི་ལོ་ ༢༠༢༦ ཟླ་བ་ ༠༤ ཚེས་ ༠༤ ཞོགས་པའི་ཆར་སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ལྷན་ཁང་དུ་མཐོ་སློབ་ཆེན་མོའི་རྒྱུན་ལས་རྣམ་པ་དང་། སྦྱིན་པའི་བདག་པོ་དེ་བཞིན་ལས་ཀ་འདིར་ལམ་སྟོན་གནང་མཁན་རྣམས་གདན་འདྲེན་ཞུས་ཐོག རྒྱལ་བ་ཀློང་ཆེན་པའི་མཛོད་བདུན་ཞིབ་དཔྱད་ཞུ་དག་དཀར་ཆག་དང་བཅས་པ་གསལ་པོར་བཀོད་པ་འདི་ཉིད་བཀྲ་ཤིས་པའི་ངང་ལེགས་གྲུབ་བྱུང་བར་སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ལྷན་ཁང་ནས་མཛད་སྒོ་སྟབས་བདེ་ཞིག་འཚོགས་ཡོད།
འབྲེལ་བ་གནང་ཡུལ།
འཇིགས་མེད་རྣམ་རྒྱལ། 7338581038
བསམ་གྲུབ་བླ་མ། 8105434631

རྒྱ་ཆེའི་ཀློག་པ་པོ་རྣམ་པར་ཞུ་རྒྱུར་འདི་ལོ་སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ལྷན་ཁང་ནས་རྒྱལ་བ་ཀློང་ཆེན་པའི་གསུང་འབུམ་ནང་གི་མཛོ...
17/03/2026

རྒྱ་ཆེའི་ཀློག་པ་པོ་རྣམ་པར་ཞུ་རྒྱུར་འདི་ལོ་སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ལྷན་ཁང་ནས་རྒྱལ་བ་ཀློང་ཆེན་པའི་གསུང་འབུམ་ནང་གི་མཛོད་བདུན་རིན་པོ་ཆེ་འདི་ཉིད་སྔ་འགྱུར་རྙིང་མའི་ཞིབ་འཇུག་ལྟེ་གནས་ཁང་གི་སློབ་ཐོན་པ་རྣམ་པར་བཀའ་འདྲི་དང་ལམ་སྟོན་ཞུས་ཐོག་ ༢༠༢༥ ལོའི་སྔ་འགྱུར་རིག་མཛོད་རྩོམ་སྒྲིག་པ་རྣམ་པས་ཀྱང་སྡེ་དགེ་ཤིང་པར་དང་ཨ་འཛོམས་ཤིང་པར་གཉིས་ལ་དཔེ་བསྡུར་དང་ཞིབ་དཔྱད་ཞུ་དག་བྱས་ཡོད་པ་མ་ཟད། གཙོ་བོ་སློབ་གཉེར་བ་རྣམས་གཟིགས་བདེ་བའི་ཆེད་དཀར་ཆག་ལོགས་སུ་བཏོན་ཅིང་རྩ་འགྲེལ་གཉིས་དབྱེན་འབྱེད་གསལ་པོ་བཟོས་ཏེ་སྤུས་གང་དག་དག་བཟོ་ཁུལ་བྱས་ཡོད། དེས་ན་དགོས་མཁོ་མཆིས་ཚེ་འདི་ག་རྩོམ་སྒྲིག་ལྷན་ཁང་ལ་འབྲེལ་བ་གནང་རོགས་ཞུ།

འབྲེལ་བ་གནང་ཡུལ།
སློབ་དཔོན་བཤད་སྒྲུབ་ཉིན་བྱེད། 7760957316
འཇིགས་མེད་རྣམ་རྒྱལ། 7338581038

ཕྱི་ལོ་ ༢༠༢༥ ལོའི་དུས་དེབ་པདྨའི་རང་མདངས་འདོན་ཐེངས་ཕྱི་མའི་དཀར་ཆག
01/01/2026

ཕྱི་ལོ་ ༢༠༢༥ ལོའི་དུས་དེབ་པདྨའི་རང་མདངས་འདོན་ཐེངས་ཕྱི་མའི་དཀར་ཆག

དེབ་གསར་འགྲེམས་བརྡ།ཕྱི་ལོ་ ༢༠༢༥ ལོའི་དུས་དེབ་པདྨའི་རང་མདངས་འདོན་ཐེངས་ཕྱི་མ་དང་དཔལ་ཡུལ་དུས་བབ་གཉིས་པར་སྐྲུན་ལེགས་པར་གྲུབ་...
11/12/2025

དེབ་གསར་འགྲེམས་བརྡ།
ཕྱི་ལོ་ ༢༠༢༥ ལོའི་དུས་དེབ་པདྨའི་རང་མདངས་འདོན་ཐེངས་ཕྱི་མ་དང་དཔལ་ཡུལ་དུས་བབ་གཉིས་པར་སྐྲུན་ལེགས་པར་གྲུབ་སྟེ། རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་ཐོན་ཡོད་པས་དགྱེས་གཟིགས་ཡོང་བར་ཞུ།
སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ལྷན་ཁང་ནས། ཕྱི་ལོ་ ༢༠༢༥ ཟླ་བ་ ༡༢ ཚེས་ ༡༡ ཉིན།

Address

Mysore

Opening Hours

Monday 5pm - 6pm
8:30pm - 9:30pm
Tuesday 5pm - 6pm
8:30pm - 9:30pm
Wednesday 5pm - 6pm
8:30pm - 9:30pm
Thursday 5pm - 6pm
8:30pm - 9:30pm
Friday 5pm - 6pm
8:30pm - 9:30pm
Saturday 8:30am - 10:30am
Sunday 7:30pm - 9:30pm

Telephone

+917259607022

Alerts

Be the first to know and let us send you an email when Ngagyur Rigzod Editorial Committee posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Contact The Business

Send a message to Ngagyur Rigzod Editorial Committee:

Share

Category