
06/09/2025
༉ ད་རེས་རང་ལུགས་གནམ་ལོ་ཤིང་མོ་སྦྲུལ་ལོ་ རང་ཟླ་ ༧ པའི་ཚེས་ ༡༤ ལུ་འབྲུག་རྒྱལ་ཡོངས་ཆོས་ཀྱི་དབུ་ཁྲིད་ ༧ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་རྒྱ་གར་འཕགས་ཡུལ་རྒྱལ་པོའི་ཁབ་ཏུ་འབྲུག་དགོན་འོག་མིན་གཉིས་པའི་གཙུག་ལག་ཁང་ནང་འཛམ་གླིང་ཞི་བདེ་སྨོན་ལམ་ཆེན་མོ་ཉིན་དང་པོ་དབུ་བཞུགས་མཛད་གནང་སར་ ༼ འབྲུག་ལུགས་སྨོན་ལམ་ཆེན་མོའི་ཆོག་ཁྲིགས་བཀླག་ཆོག་ཏུ་བཀོད་པ་བྱང་ཆུབ་ལམ་བཟང་ཞེས་བྱ་བ་བཞུགས་སོ།༽ ཟེར་བའི་ཞལ་འདོན་ཕྱོགས་བསྡེབས་ཤིག་འགོ་འབྱེད་མཛད་གནང་ཡོད། འདི་ཡང་ནང་ཆོས་ཉམས་ལེན་ལས་ཚོགས་ཡིག་ཚང་ནས་ མཁན་པོ་ཀུན་ལེགས་དབང་ཕྱུག་གིས་ཕྱོགས་སྒྲིག་གནང་ཡོདཔ་ཨིནམ་དང། དཔེ་དེབ་འདི་ནང་འབྲུག་ལུགས་སྨོན་ལམ་ཆེན་མོའི་ཞལ་འདོན་གྱི་རིགས་ཚུ་ག་ར་བཀོད་ཡོདཔ་ལས་ཉམས་ལེན་པ་ཚུ་ལུ་སྟབས་བདེ་ཏོག་ཏོ་འོང་ནི་ཨིན་མས།
September 6, 2025
Coinciding with the first day of the Global Peace Prayer (Monlam Chenmo) at the Royal Bhutan Temple in Rajgir, India, His Holiness the Je Khenpo launched the new Monlam Chenmo Prayer Book. Compiled by Khenpo Kinley Wangchuk of the Office of Organization for the Promotion of Buddhist Practices, the book is designed to make it easier and more accessible for practitioners to engage in the prayers and practices.
སེམས་ཀྱི་ངལ་གསོ། In Pursuit of Peace in Mind