Orgyen JigMed Tenzin

Orgyen JigMed Tenzin ༈རང་ཚུཊ་མ་ཤོར། །གཞན་སེམས་མ་དཀྲུཊ།

༈བཀའ་དྲིན་གསུམ་ལྡན་གྱི་དྲིན་ཆེན་རྩ་བའི་བླ་མ་དམ་པའི་འཁྲུངས་སྐར་དགའ་བ་འབུམ་གྱིས་བསུ། Happy birthday to you H. H 4th Adzom ...
24/03/2025

༈བཀའ་དྲིན་གསུམ་ལྡན་གྱི་དྲིན་ཆེན་རྩ་བའི་བླ་མ་དམ་པའི་འཁྲུངས་སྐར་དགའ་བ་འབུམ་གྱིས་བསུ། Happy birthday to you H. H 4th Adzom Namtrul Jurmey Jamtso Rinpoche. 🎂🪷🥳
དེ་ཡང་དཔལ་ལྡན་བླ་མ་དམ་པའི་རང་བཞིན་ནི།
༸རྒྱལ་དབང་ཐམས་ཅད་མཁྱེན་པའི་ཞལ་སྔ་ཉིད་ནས།
རྒྱལ་བསྟན་སྤྱི་དང་སྔ་འགྱུར་རྙིང་མའི་བསྟན། །
བཤད་དང་སྒྲུབ་པས་ཕྱོགས་ཀྱི་མཐར་སྤེལ་བའི། །
འཇའ་ལུས་སྒྲུབ་པའི་པདྨའི་རྗེས་སྐྱོང་བ། །
འགྱུར་མེད་རྒྱ་མཚོའི་ཞབས་པད་ཡུན་བརྟན་ཤོག །
ཅེས་གསུངས་པ་ལྟར་རྒྱལ་བ་དོན་ཀུན་གྲུབ་པའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་སྤྱི་དང་། བྱེ་བྲག་ཏུ་ཆེ་བ་དྲུག་གིས་མངོན་པར་འཕགས་པ་གསང་ཆེན་སྔ་འགྱུར་བཀའ་གཏེར་དག་སྣང་གི་བརྒྱུད་པའི་ཆུ་བོ་བྱིན་རླབས་ཀྱི་ཚན་ཁ་མ་ཉམས་པ་འདི་ཉིད་དང་། ཁྱད་པར་དུ་ཐེག་རྩེ་འོད་གསལ་རྫོགས་པ་ཆེན་པོའི་བསྟན་པ་རིན་པོ་ཆེ་བཤད་པ་དང་སྒྲུབ་པ་གཉིས་ཀྱིས་འཛམ་གླིང་ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་སྤེལ་བའི་སྒོ་ནས་ཟག་མེད་འཇའ་ལུས་ཆོས་སྐུར་སྒྲུབ་པའི་རྒྱལ་དབང་པདྨའི་རིང་ལུགས་དྲི་མ་མེད་པའི་རྗེས་སྐྱོང་བར་མཛད་པའི་སྐྱེས་བུ་ཆེན་པོ། དོན་གྱི་སླད་དུ་མཚན་ནས་ཞུས་ན་༸སྐྱབས་གཅིག་འཁོར་ལོའི་མགོན་པོ་ཨ་འཛོམ་མཆོག་སྤྲུལ་འགྱུར་མེད་རྒྱ་མཚོ་རིན་པོ་ཆེ་གང་ཉིད་བསྟན་འགྲོའི་མགོན་དཔུང་དུ་སྐུ་ཚེ་ཞབས་པད་ཡུན་ནས་ཡུན་དུ་བརྟན་པར་ཤོག་ཅིག་གུ ཞེས་བདེན་ཚིག་གྲུབ་པའི་གསུང་ལ་ཚིག་འགྲེལ་སྙིང་བསྡུས་ཤིག་བྲིས་པའི་སྒོ་ནས་དཔལ་ལྡམ་བླ་མ་དམ་པའི་འཁྲུངས་སྐར་བསུ་བ་ལགསོ།།

Address

Dakshinkali Pharping Dollu
Kathmandu
44615

Website

Alerts

Be the first to know and let us send you an email when Orgyen JigMed Tenzin posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Share