04/09/2024
(Please scroll down for English and Chinese)
དེ་ཡང་ཀརྨ་པ་མི་བསྐྱོད་རྡོ་རྗེས།
མདོ་སྡེ་ཆོས་མངོན་སྟོན་པའི་བསྟན་ཡིན་ལ། །
ཆོས་འདུལ་སྟོན་དང་བསྟན་པ་གཉིས་འགྱུར་ཕྱིར། །
ཕྱག་བྱར་འོས་ཞེས་ཁོ་ནར་ཡིད་བརྣགས་ནས། །
ཆོས་འདུལ་ཟབ་མོ་ཚུལ་ལ་ཁོ་བོས་སྦྱངས། །
ཞེས་དང་།
བདག་ལ་ངེས་པར་རེ་ལྟོས་བཅས་པ་རྣམས། །
ཐོས་དོན་ཚོལ་ཞིག་ཐོས་དོན་མྱོང་བར་གྱིས། །
སླད་ནས་བདག་དང་མངོན་སུམ་མ་གྱུར་གང་། །
བསྟན་བཅོས་འདིར་ལྟོས་བདག་གི་མངོན་སུམ་ཞལ། །
དུས་གསུམ་གང་ན་ནད་ཅན་གང་ཡོད་པས། །
བདག་ལ་གསོལ་བ་ཐོབ་ཅིག་མོས་པ་བསྐྱེད། །
འབྲེལ་ཚད་དོན་ལྡན་ང་ཡིས་མི་བསླུ་སྟེ། །
སྐལ་པར་འཚམས་པའི་བྱིན་རླབས་སྦྱིན་པ་ཡིན། །
ཞེས་གསུངས་པ་ལྟར།
༧དཔལ་རྒྱལ་དབང་དབང་ཀརྨ་པ་མི་བསྐྱོད་རྡོ་རྗེས་མཛད་པའི་འདུལ་བའི་འགྲེལ་པ་ཉི་མའི་དཀྱིལ་འཁོར་དེབ་ཕྲེང་བཞི་ཡོད་པ་འདི་ཉིད་སྤྱི་ལོ་༢༠༠༧ གི་ལོར་དེབ་གྲངས་༥༠༠ དཔེ་བསྐྲུན་ཞུས་པ་འདི་ཉིད་ལེགས་པར་རྫོགས་ཏེ་སླར་ཡང་ལོ་འདི་དེབ་གྲངས་༥༠༠ དཔེ་བསྐྲུན་ཞུ་ཆེད་གོ་སྒྲིག་ཞུ་ཡོད་ལགས་ན། འགྲོ་གྲོན་ཨ་སྒོར་༧༦༥༠ ཙམ་འགྲོ་རྒྱུ་ལགས་པས། འབྱོར་ལྡན་སྦྱིན་རྣམས་ཀྱིས་རང་ཉིད་ཚོགས་རྫོགས་ཤིང་། སངས་རྒྱས་ཀྱི་བསྟན་པ་ཡུན་རིང་དུ་གནས་པའི་ཆེད་དུ་དམིགས་ཏེ་ཞལ་འདེབས་གང་ཐུབ་གནང་བར་བལ་ཡུལ་ཀརྨ་ལེགས་བཤད་གླིང་དཔེ་བསྐྲུན་ཁང་འགན་འཛིན་ནས་གསོལ་བ་འདེབས་པ་ལགས།
1127 美元至7650美元
第八世噶瑪巴米覺多傑:
經藏論藏佛陀之言教,
律藏既是言教亦身教,
堪行敬禮僅懷此教誨,
律藏淨行吾當勤修學。
對吾懷有寄望者,
當求聞義及體驗,
縱然未與吾相遇,
閱此律典如面見。
無論何時患何病,
向吾祈禱生信者,
結緣具義吾無欺,
必賜相應之加持。
噶瑪巴米覺多傑編寫的戒律注釋「律法日輪」全書共四册, 曾於2007年印有500套, 經已完成流通。 現籌備今年再度印刷500套, 經費約需7650美元。 謹願具資施主們為其自身修積福慧, 及為佛法久住世間, 願能隨力參與捐助。 謹此祈請。
~尼泊爾噶瑪列些林佛學院印刷部負責人
The 8th Karmapa Mikyo Dorje:
The Sutra and Abhidharma are the teachings of the Buddha.
The Vinaya is both a Buddha and the teachings.
It is worthwhile to respect and hold these teachings in mind.
I should study the Vinaya diligently.
Those who have hopes in me should seek to hear the meaning and experience it.
Even if you have not met me,
reading this Vinaya is like seeing me in person.
No matter when you are sick or what disease you suffer,
those who pray to me for faith,
I will not deceive you and will give you the corresponding blessings.
The Vinaya commentary "The Sun Wheel of the Law" compiled by 8th Karmapa Mikyo Dorje consists of four volumes. 500 copies were printed in 2007 and have been circulated. We are planning to print 500 copies again this year, and the cost is about US$7,650. I sincerely hope that the donors with money will donate to accumulate merit and wisdom for themselves and for the Dharma to last long in the world. I sincerely pray for this.
~ Printing Department Manager of K**a Leshe Ling Buddhist College, Nepal
Contract details
WhatsApp: +977 981‑8943425