Tenzin wangyal

Tenzin wangyal Contact information, map and directions, contact form, opening hours, services, ratings, photos, videos and announcements from Tenzin wangyal, Hoboken, NJ.

09/27/2026

མཁྱེན་ནོ་དཔལ་ལྡན་འབྲུག་པ། །
མཁྱེན་ནོ་ཆོས་ཀྱི་རྒྱལ་པོ། །
མཁྱེན་ནོ་ངག་དབང་རྣམ་རྒྱལ། །
མཁྱེན་ནོ་དྲིན་ཆེན་བླ་མ། །
མཁྱེན་ནོ་བླ་མ་མཁྱེན་ནོ། །

09/15/2026

࿑ དཔལ་ལྡན་ལྷ་མོ་འབག་ཆོག་གི་ཆོ་ག་གནང་བཞིན་པའི་མཐོང་སྣང་།

ཕྱི་ལོ་༢༠༢༦ ཟླ་༩ ཚེས་༡༥ བཀྲ་ཤིས་པའི་ཉིན་མོར་། རྒྱ་གར་ཛ་མུ་དང་ཀཤྨིར་གྱི་གུ་ལབ་གྷར། དཔལ་དར་གྱི་གནས་མཆོག་ཏུ། རྩ་བའི་བླ་༦སྐྱབས་རྗེ་སྟག་སྣ་རིན་པོ་ཆེ་མཆོག་གིས་གཙོ་འཛིན་གནང་སྟེ། སྐུ་རིམ་འདི་ཉིད་རྒྱ་གར་ལ་དྭགས་གླེའི་སྟག་སྣ་དགོན་པའི་བརྒྱུད་སྲོལ་བཞིན་གནང་བཞིན་ཡོད། །

དཀོན་མཆོག་གསུམ་གྱི་བྱིན་རླབས་དང་། ཆོས་སྐྱོང་རྣམས་ཀྱི་ཐུགས་རྗེ་དང་མཐུ་བྱིན་གྱིས། བར་ཆད་དང་ཉེར་འཚེ་ཐམས་ཅད་ཞི་བར་གྱུར་ཅིག ། རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པར་གྱུར་ཅིག ། འཛམ་གླིང་ཡོངས་སུ་ཞི་བདེ་དང་། མཐུན་འབྲེལ། བདེ་ལེགས་དང་དར་རྒྱས་ཀྱི་དཔལ་འབྱོར་རྟག་ཏུ་གནས་པར་ཤོག །འགྲོ་བ་མཐའ་དག་སྡུག་བསྔལ་ལས་གྲོལ་ཏེ། རྟག་བརྟན་གྱི་ཞི་བདེ་དང་བདེ་སྐྱིད་ལ་རོལ་བར་ཤོག །

རྒྱ་གར། གུ་ལབ་གྷར། དཔལ་དར། ཛ་མུ་དང་ཀཤྨིར། 🇮🇳

09/15/2026

དྲིན་ཆེན་རྩ་བའི་བླ་མ་མཆོག།
སྐྱབས་རྗེ་སྟག་སྣ་རིན་པོ་ཆེ།
དཔལ་དར་ཆོས་ཀྱི་གནས་སུ་ཕེབས།
དགའ་བའི་སྒྲ་དབྱངས་ས་གཞིར་ཁྱབ།།

རྩ་བའི་བླ་མའི་ཞལ་མཇལ་བ།
ལས་དང་སྐལ་པའི་བྱིན་རླབས་ཡིན།
ཐུགས་ཀྱི་བརྩེ་བས་སློབ་མ་རྣམས།
དད་པའི་མེ་ཏོག་དགའ་བས་བཞད།།

རིན་པོ་ཆེ་ཡི་ཕྱག་དབང་གིས།
སེམས་ཅན་ཀུན་གྱི་སྒྲིབ་པ་སེལ།
ཆོས་ཀྱི་འོད་སྣང་ཕྱོགས་ཀུན་ཏུ།
བཀྲ་ཤིས་དགེ་ལེགས་དར་བར་ཤོག།

བླ་མ་མཆོག་གི་ཞབས་ཟུང་ནི།
དུས་རྟག་བརྟན་ཅིང་བཞུགས་པར་ཤོག།
བདག་ཅག་སློབ་མའི་སྙིང་གི་ནང་།
དུས་ཀུན་བྱིན་རླབས་བསྩལ་བར་ཤོག།

དགའ་བའི་མེ་ཏོག་སྙིང་ནས་ཕུལ།
དད་པའི་མཆོད་མེ་གསལ་བར་བྱས།
སྐྱབས་རྗེ་རིན་པོ་ཆེ་ཕེབས་པའི།
བཀྲ་ཤིས་དགའ་སྟོན་རྟག་ཏུ་ཤོག།།

09/14/2026

༧ཞབས་དྲུང་ཐུགས་སྤྲུལ་འཇིགས་བྲལ་ངག་དབང་རྣམ་རྒྱལ་མཆོག་ལ་བསྟོད་པ། 🌟

༡༽ སྔོན་གྱི་དྲན་པ།
དུས་རབས་མང་པོའི་སྔོན་གྱི་དམ་བཅའ་དེ། །
དེ་རིང་སྙིང་གི་དབུས་སུ་ལྷམ་མེར་གསལ། །
ངག་དབང་རྣམ་རྒྱལ་མཚན་གྱི་བྱིན་རླབས་དེ། །
དྲི་བསུང་བཞིན་དུ་མ་ཡལ་སེམས་ལ་འཁོར། །

༢༽ ད་ལྟའི་བཞུགས་ཞལ།
འཇིགས་བྲལ་ཐུགས་ཀྱི་སྤྲུལ་པ་གངས་རིའི་རྒྱན། །
སྔོན་གྱི་དྲི་བསུང་འཐུལ་བའི་མེ་ཏོག་གསར། །
སྐུ་་བའི་ཞལ་རས་མཇལ་བ་ཙམ་གྱིས་ཀྱང་། །
བརྩེ་བའི་དྲོད་ལམ་སེམས་ཀྱི་ཁོག་པར་ཞུགས། །

✨ [ བསྐྱར་གཞས། ]
བླ་མ་མཁྱེན་ནོ་བརྩེ་བའི་ཐུགས་བསྐྱེད་ཅན། །
འདས་དང་མ་འོངས་དུས་ཀྱི་ལམ་བུའི་སྟེང་། །
ཁྱེད་ནི་ང་ཡི་གཏན་གྱི་སྐྱབས་གནས་དང་། །
ནམ་ཡང་མི་ནུབ་སྙིང་གི་སྒྲོན་མེ་ལགས། །

༽ སྨོན་ལམ་སྙིང་པོ།
སྐུ་ཕྲེང་གོང་འོག་ཐུགས་རྒྱུད་གཅིག་པ་ཡི། །
བཀའ་དྲིན་ཅན་གྱི་བླ་མ་མཆོག་གི་ཞབས། །
དད་པའི་སེམས་ཀྱི་དབུས་སུ་བཞུགས་ནས་ཀྱང་། །
འགྲོ་བའི་སྡུག་བསྔལ་ཀུན་ནས་སེལ་བར་མཛོད།

05/03/2026

His Holiness the 9th Shabdrung Rinpoche Ngawang Jigme (1958-2003) Lhakhang, Sangchen Dorjee Gonpa, Pedong, Kalimpong, West Bengal, India.🇮🇳

དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༣ ཉིན། རྡོ་རྗེ་གདན་ཞབས་དྲུང་གྲྭ་ཚང་འབྲུག་ངག་དབང་ཐུབ་བསྟན་ཆོས་གླིང་དང་། ཀ་གླིང་སྤུང་སྤོས་ས...
05/03/2026

དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༣ ཉིན། རྡོ་རྗེ་གདན་ཞབས་དྲུང་གྲྭ་ཚང་འབྲུག་ངག་དབང་ཐུབ་བསྟན་ཆོས་གླིང་དང་། ཀ་གླིང་སྤུང་སྤོས་སྡོང་་གསང་ཆེན་རྡོ་རྗེ་དགོན་པའི་དགེ་འདུན་པ་རྣམས་ནས་༧སྐྱབས་རྗེ་ཞབས་དྲུང་རིན་པོ་ཆེ་སྐུ་ཕྲེང་དགུ་པ་ངག་དབང་འཇིགས་མེད་ (༡༩༥༧-༢༠༠༣) མཆོག་གི་སྐུ་བརྙན་རིན་པོ་ཆེ་ཞལ་བཞེས་ཐུབ་པར་དགའ་སྤོབས་ཆེན་པོ་སྐྱེས་ཡོད།
རྟེན་བཞེངས་འདི་ཉིད་འབྲུག་ཡུལ་ནས་བཟོ་བསྐྲུན་གནང་བ་དང་། ང་ཚོའི་གྲྭ་ཚང་གི་དགེ་འདུན་པ་ཟུར་པ་ཞིག་གིས་སྦྱིན་བདག་གནང་བ་ཡིན། ཁྱེད་ཀྱིས་ལྷག་བསམ་རྣམ་དག་གིས་དགེ་བའི་ལས་འདི་བསྒྲུབས་པ་དང་། གྲྭ་ཚང་ལ་ཞབས་ཕྱི་ཞུས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་དང་ཁྱེད་ཀྱི་ནང་མི་རྣམས་ཚེ་རིང་ནད་མེད་དང་། བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་ལམ་འདེབས་རྒྱུ་མ་ཟད། སངས་རྒྱས་ཀྱི་བསྟན་པ་ལ་མུ་མཐུད་ནས་ཞབས་ཕྱི་ཞུ་ཐུབ་པའི་རེ་བ་ཡོད་། ༧ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་མཛད་འཕྲིན་ཡུན་རིང་གནས་པ་དང་། དཔལ་ལྡན་འབྲུག་པའི་བསྟན་པ་རིན་པོ་ཆེ་ཕྱོགས་མཐར་རྒྱས་ཤིང་། འགྲོ་ཀུན་ཕན་བདེའི་དཔལ་ལ་སྤྱོད་པར་ཤོག། བཀྲ་ཤིས་བདེ་ལེགས་ཞུ།། 🏵️✨

05/03/2026

༧ཞབས་དྲུང་ཐུགས་སྤྲུལ་འཇིགས་བྲལ་ངག་དབང་རྣམ་རྒྱལ་མཆོག་ལ་བསྟོད་པ། 🌟

༡༽ སྔོན་གྱི་དྲན་པ།
དུས་རབས་མང་པོའི་སྔོན་གྱི་དམ་བཅའ་དེ། །
དེ་རིང་སྙིང་གི་དབུས་སུ་ལྷམ་མེར་གསལ། །
ངག་དབང་རྣམ་རྒྱལ་མཚན་གྱི་བྱིན་རླབས་དེ། །
དྲི་བསུང་བཞིན་དུ་མ་ཡལ་སེམས་ལ་འཁོར། །

༢༽ ད་ལྟའི་བཞུགས་ཞལ།
འཇིགས་བྲལ་ཐུགས་ཀྱི་སྤྲུལ་པ་གངས་རིའི་རྒྱན། །
སྔོན་གྱི་དྲི་བསུང་འཐུལ་བའི་མེ་ཏོག་གསར། །
སྐུ་་བའི་ཞལ་རས་མཇལ་བ་ཙམ་གྱིས་ཀྱང་། །
བརྩེ་བའི་དྲོད་ལམ་སེམས་ཀྱི་ཁོག་པར་ཞུགས། །

✨ [ བསྐྱར་གཞས། ]
བླ་མ་མཁྱེན་ནོ་བརྩེ་བའི་ཐུགས་བསྐྱེད་ཅན། །
འདས་དང་མ་འོངས་དུས་ཀྱི་ལམ་བུའི་སྟེང་། །
ཁྱེད་ནི་ང་ཡི་གཏན་གྱི་སྐྱབས་གནས་དང་། །
ནམ་ཡང་མི་ནུབ་སྙིང་གི་སྒྲོན་མེ་ལགས། །

༽ སྨོན་ལམ་སྙིང་པོ།
སྐུ་ཕྲེང་གོང་འོག་ཐུགས་རྒྱུད་གཅིག་པ་ཡི། །
བཀའ་དྲིན་ཅན་གྱི་བླ་མ་མཆོག་གི་ཞབས། །
དད་པའི་སེམས་ཀྱི་དབུས་སུ་བཞུགས་ནས་ཀྱང་། །
འགྲོ་བའི་སྡུག་བསྔལ་ཀུན་ནས་སེལ་བར་མཛོད།

Address

Hoboken, NJ

Website

Alerts

Be the first to know and let us send you an email when Tenzin wangyal posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Shortcuts

Share